འཛམ་གླིང་སྟེང་གི་དཔེ་མཛོད་ཁང་ཆེན་མོ་བཅུ།
ཁྱོན་3492བཀླགས་འདུག
ཨང་དང་པོ། ཨ་རི་རྒྱལ་ཁབ་ཀྱི་རྒྱལ་ཚོགས་དཔེ་མཛོད་ཁང་། དཔེ་མཛོད་ཁང་འདི་ནི་སྤྱི་ལོ1980ལོར་བཞེངས་པ་ཡིན། ཉར་ཚགས་བྱས་པའི་རིགས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་དང་ས་ཡ་གཅིག་ཡོད་ལ། དཔེ་ཆ་དང་ཡིག་ཆ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཡོད།
ཨང་གཉིས་པ། ཨུ་རུ་སིའི་རྒྱལ་བཙུགས་དཔེ་མཛོད་ཁང་། མའོ་སི་ཁོ།
དཔེ་མཛོད་ཁང་འདི་ནི་དུས་རབས་བཅུ་དགུའི་ལོ་རབས་དྲུག་ཅུར་བཞེངས་པ་ཡིན་ལ། ཡོ་རོབ་གླིང་གི་ཆེས་ཆེ་བའི་དཔེ་མཛོད་ཁང་ཡིན་ལ། ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་གི་འོག་མ་ཡིན། འདིར་དཔེ་ཆ་ཁྲི1760ཡོད།
ཨང་གསུམ་པ། ཀྲུང་གོའི་རྒྱལ་ཁབ་དཔེ་མཛོད་ཁང་། པེ་ཅིན།
དཔེ་མཛོད་ཁང་འདི་སྤྱི་ལོ1987ལོར་བཞེངས་པ་ཡིན་ལ། ཇུས་འགོད་དཔེ་ཉར་ཚད་དཔེ་ཆ་ཁྲི2000ཡིན་ལ། ད་ལྟ་དཔེ་ཆ་ཁྲི1590ཡོད།
ཨང་བཞི་བ། ཨུ་རུ་སིའི་རྒྱལ་ཁབ་དཔེ་མཛོད་ཁང་། སིན་ཕིས་ཏི་པོ།
ཨུ་རུ་སི་མཉམ་འབྲེལ་རྒྱལ་ཕྲན་གྱི་པར་མའི་རིགས་གང་རུང་ལས་གཅིག་ལེན་ཆོག་པའི་དབང་ཆ་ཡོད། འདི་ནི་ཨུ་རུ་སིའི་དཔེ་མཛོད་ཁང་རིག་པ་དང་། དཀར་ཆག་རིག་པ། དཔེ་མཛོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ལྟེ་གནས་ཡིན། ད་ལྟ་དཔེ་ཆ་ཁྲི1360ཡོད།
ཨང་ལྔ་བ། དབྱིན་ཆེན་མོའི་དཔེ་མཛོད་ཁང་། ལོན་ཏོན།
དཔེ་མཛོད་ཁང་འདི་ནི་སྤྱི་ལོ1973ལོའི་ཟླ7པའི་ཚེས1ཉིན་བསྐྲུན་པ་ཡིན་ལ། འཛམ་གླིང་སྟེང་ཆེས་ཆེ་བའི་རིག་གཞུང་དཔེ་མཛོད་ཁང་གི་གྲས་གཅིག་ཡིན། འདི་ནི་སྔོན་མའི་དབྱིན་ཆེན་མོའི་དངོས་མང་ཁང་དཔེ་མཛོད་ཁང་དང་། རྒྱལ་བཙུགས་ཀྲུང་དབྱང་དཔེ་མཛོད་ཁང་། རྒྱལ་བཙུགས་ཕྱིར་གཡོར་ཚན་རྩལ་དཔེ་མཛོད་ཁང་དང་། དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དཔེ་ཆའི་དཀར་ཆག་པར་སྐྲུན་ཁང་སོགས་ཀྱི་ལས་ཁུངས་ཀྱིས་མཉམ་གྲུབ་བྱུང་བ་ཡིན། ད་ལྟ་དཔེ་ཆ་ཁྲི1300ཡོད།
ཨང་དྲུག་པ། ཧྭ་ཧྥོ་སློབ་ཆེན་གྱི་དཔེ་མཛོད་ཁང་། མཱ་ས་ཀྲོའུ་སེ།
དཔེ་མཛོད་ཁང་འདི་ནི་ཨ་རིའི་ཆེས་རྙིང་བའི་དཔེ་མཛོད་ཁང་ཡིན་ལ། འཛམ་གླིང་སྟེང་དཔེ་ཆ་ཉར་ཚགས་བྱས་པ་ཆེས་མང་བ་དང་། གཞི་རྒྱ་ཆེས་ཆེ་བའི་སློབ་ཆེན་གྱི་དཔེ་མཛོད་ཁང་ཡང་ཡིན། ད་ལྟ་དཔེ་ཆ་ཁྲི1100ཡོད།
ཨང་བདུན་པ། ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་། པཱ་ལིས།
དཔེ་མཛོད་ཁང་འདི་ནི་ཧྥ་རན་སིའི་ཆེས་ཆེ་བའི་དཔེ་མཛོད་ཁང་ཡིན་ལ། འཛམ་གླིང་སྟེང་གི་གཞི་ཁྱོན་ཆེ་བའི་དཔེ་མཛོད་ཁང་ལས་དཀོན་པའི་གྲས་ཡིན། འདི་ནི་ཁྲ་ལིས་སྐུ་ཕྲེང་ལྔ་བས༼ 1364–1380ལོ ༽རྒྱལ་རབས་རིམ་བྱོན་གྱི་རྒྱལ་རྒྱུད་ཀྱི་ཉར་ཚགས་པའི་དཔེ་ཆ་ཉར་ཚགས་བྱེད་ཆེད་བསྐྲུན་པའི་རྒྱལ་པོའི་དཔེ་མཛོད་ཁང་རེད། ད་ལྟ་དཔེ་ཆ་ཁྲི 1100ཡོད།
ཨང་བརྒྱད་པ། ལེ་པེས་ཞུས་དཔེ་མཛོད་ཁང་། ལེ་པེས་ཞུས།
དཔེ་མཛོད་ཁང་འདི་ནི་ལྟ་ཀློག་དང་ཕྱིར་གཡོར་བྱ་མི་ཆོག་པའི་དཔེ་མཛོད་ཁང་ཞིག་ཡིན། སྤྱི་ལོ1913ལོ་ནས་བཟུང་འཇར་མན་ཡི་གེའི་བསྟན་བཅོས་པར་བསྐྲུན་དང་སྲུང་སྐྱོབ་བྱེད་པའི་བྱ་བ་གཉེར་བཞིན་ཡོད་ལ། ད་དུང་འཇར་མན་རྒྱལ་ཁབ་ཀྱི་དཔེ་ཆའི་དཀར་ཆག་གཏན་འབེབས་བྱེད་པའི་འགན་ཡང་ཁུར་ཡོད། ད་ལྟ་དཔེ་ཆ་ཁྲི900ཡོད།
ཨང་དགུ་བ། འཇར་པན་རྒྱལ་ཚོགས་དཔེ་མཛོད་ཁང་། ཏུང་ཅིན།
དཔེ་མཛོད་ཁང་འདི་ལ་བྱུང་ཁུངས་གཉིས་ཡོད་དེ། གཅིག་ནི་སྤྱི་ལོ1890ལོར་བཞེངས་པ་ཡིན་ལ། རྩ་ཁྲིམས་རྙིང་བའི་འོག་གི་བཙན་རྒྱལ་གྲོས་ཚོགས་ཀྱི་སྐུ་དྲག་གླིང་དང་གྲོས་ཁང་མངའ་འོག་གི་དཔེ་མཛོད་ཁང་ཡིན་པ་དང་། གཞན་ཞིག་ནི་སྤྱི་ལོ1872ལོར་བཞེངས་པ་ཡིན་ལ། རིག་གནས་ཚན་རྩལ་ལས་ཁུངས་མངའ་འོག་གི་བཙན་རྒྱལ་དཔེ་མཛོད་ཁང་ཡིན། ད་ལྟ་དཔེ་ཆ་ཁྲི727 ཡོད།
ཨང་བཅུ་བ། ཧྥ་རན་ཁུ་ཧྥུའུ་དཔེ་མཛོད་ཁང་། ཧྥ་རན་ཁུ་ཧྥུའུ། དཔེ་མཛོད་ཁང་འདི་ནི་འཇར་མན་རྒྱལ་ཁབ་དཔེ་མཛོད་ཁང་གི་ཁོངས་གཏོགས་ཡིན་ལ། སྤྱི་ལོ1913ལོ་ནས་བཟུང་འཇར་མན་ཡི་གེའི་བསྟན་བཅོས་པར་བསྐྲུན་དང་སྲུང་སྐྱོབ་བྱེད་པའི་བྱ་བ་གཉེར་བཞིན་ཡོད་ལ། ད་དུང་འཇར་མན་རྒྱལ་ཁབ་ཀྱི་དཔེ་ཆའི་དཀར་ཆག་གཏན་འབེབས་བྱེད་པའི་འགན་ཡང་ཁུར་ཡོད། ད་ལྟ་དཔེ་ཆ་ཁྲི700ཡོད།
བསམ་ཚུལ་ཕྲིས།