དགུན་དུས་སུ་དྲོད་ཐིགས་དྲན་པ།
ཁྱོན་5172བཀླགས་འདུག
•ཁམས་སྣང་བ།
ལས་སྨོན་དད་འདུན་ལ་འགྱུར་བ་མི་འདོད་ཅིང་།།
འདི་ཕྱི་སྐྱིད་སྡུག་གི་བཅོལ་ས་འདོད་པ་ཡི།།
ཚེ་རབས་ལམ་བུ་ནས་ཚོགས་བསགས་མཐུ་ཡིས་སུ།།
གང་གི་འོད་ཟེར་ལ་བདག་གིས་རེག་སྐལ་ལྡན།།
དགུང་གི་སྐར་ཚོགས་ལ་སྐྱོ་བ་སྐུར་འདོད་ཅིང་།།
ཟླ་བའི་གཟུགས་བརྙན་ལ་སྡུག་ཡུས་བཤད་མོས་པའི།།
དོ་ནུབ་མཚན་གུང་གི་ལྷག་རླུང་ཆེ་ས་ནས།
ཁྱོད་ཞལ་དགྱེས་པ་ཡི་དཀྱིལ་འཁོར་མཇལ་ན་འདོད།།
འོད་ཟེར་རེག་དོན་ནི་ཁྱོད་ཀྱི་རྗེས་འཇུག་ཡིན།།
སྐྱོ་སེམས་སྐྱེ་དོན་ནི་འཛུམ་ཞལ་དབེན་པས་ཡིན།།
བླ་མའི་དྭངས་རྩེ་ལགས་རྒྱལ་སྲས་དགྲེས་པོ་ཁྱོས།།
མི་མངོན་དག་ཞིང་ནས་བུ་ང་སྐྱབས་དུ་གསོལ།།
བསམ་ཚུལ་ཕྲིས།