ཡིད་ཀྱི་གདུང་དབྱངས།

ཁྱོན་4210བཀླགས་འདུག

ཡོན་ཏན་རྒྱ་མཚོ།

འཚེ་མེད་འགྲོ་ཁམས་བདེ་བའི་ལམ་བཟང་ལ་སྟོན་མཁན།།

ཡིད་བཞིན་ནོར་བུ་འབྱུང་ཁུངས་མཚུངས་མེད་ཀྱི་བླ་མ།།

སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྤྱི་བོ་རུ་བསྙེཊ་ནས།།

བདག་རྒྱུད་རྟོགས་པར་སྐྱེ་བ་བྱིན་རླབས་རང་རློབས་ཤིག།

རིགས་དང་རུས་གཞི་ཚ་བའི་གདུང་སྲས་སུ་སྐྱེས་ནས།།

དོན༵་བརྒྱུད༵་དབྱར་རྔའི་བསྟན་པ་ཉི༵་མ༵་ལྟར་གསལ་མཛད།།

རིས་མེད་རྒྱལ་བསྟན་ཀུན་ལ་འཇིགས་མེད་ཀྱི་སློབ་ནས།།

རང་ལུགས་ཚུལ་བཞིན་འཛིན་པའི་མདོ་ཁམས་པ་དྲན་སོང་།།

ཀུན་ཕན་མཁྱེན་རབ་རང་གཟུགས་དྲིན་ལྡན་གྱི་བླ་མ།།

བསྟན་འགྲོའི་མུན་པ་སེལ་བའི་དུས་གསུམ་གྱི་སྒྲོན་མེ།།

ཁྱབ་བདག་ཁྱེད་ཞལ་མཇལ་བའི་ལས་སྐལ་དེ་དབེན་རུང་།།

ཡིད་ཆེས་དད་གསུམ་གཙང་མའི་གདུང་དབྱངས་དེ་མི་ལྷོད།།

བརྒྱད་གཉིས་ལང་ཚོ་སྨིན་པའི་སྐུ༵་བརྗིད་དེ་རྔམས་ནས།།

དགག་མེད་ཚངས་དབྱངས་གསུང༵་གི་ཆོས་ཆར་དུ་འཇོ་ཞིང་།།

དོན་གཉིས་རྗེན་གཅེར་གཟིཊ་པའི་ཐུཊ༵་བསྐྱེད་དེ་མཇལ་དུས།།

བསྐལ་བཟང་དོན་གཉིས་འགྲུབ་པའི་བླ་མ་ཁྱེད་དྲན་ནོ།།

སྐུ་སྐྱེས་ཆབ་མགོ་གཙང་སའི་མཐོ་སྒང་ལ་འཁྲུངས་ནས།།

ཉོན་མོངས་དུག་ལྔས་མ་གོས་བསྟན་འགྲོ་ཡི་དོན་མཛད།།

སྙིགས་དུས་རྒུད་པ་སེལ་བའི་རྒྱལ་བསྟན་གྱི་སྲོག་ཤིང་།།

འདྲེན་མཆོག་མཁས་གྲུབ་གཙུག་ནོར་བླ་མ་རྗེ་དྲན་ནོ།།

སྔར་བསགས་དགེ་འབྲས་མ་ཉམས་བགོ་སྐལ་དེ་བཟང་འདུག།

བསྟན་པའི་གནད་མཛོད་འབྲུག་པའི་སྐྱབས་འོག་ཏུ་ཚུད་ནས།།

བསླབ་གསུམ་ངུར་སྨྲིག་དམར་པོ་རྒྱན་སྤྲས་གཞི་བཟུང་ནས།།

འཆུག་མེད་ལེགས་བཤད་དོན་ལ་གང་འཚམ་ཞིག་སློབ་ཡོད།།

ཁམས་སྒར་གསེར་ཁྲི་བརྒྱད་པ་དགེ་ལེགས་ཀྱི་མཚན་ཅན།།

ཁྱེད་སྐུ་དགོངས་ཀློང་ཞི་བའི་མཁའ་དབྱིངས་སུ་གཤེཊ་ནས།།

བགྲང་ལོ་སོ་བརྒྱད་འཁོར་བའི་ཡིད་འཁོབ་ཀྱི་གདུང་དབྱངས།།

སྐྱོ་བའི་སྨྲེ་སྔགས་གྱེར་བཞིན་རྗེས་དྲན་འདི་ཞུའོ།།

_________གཙང་ཐིགས་ཀྱིས།༢༠༡༨/༡༢/༢༤ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *