བཀའ་བརྒྱུད་དང་དཀར་བརྒྱུད་ཀྱི་འགྲེལ་བཤད།

ཁྱོན་169བཀླགས་འདུག

གཅིག༽ བཀའ་བརྒྱུད་པའི་སྒྲ་བཤད་ནི།  གཙོ་བོར་བཀའ་བཞི་བརྒྱུད་པའི་རིང་ལུགས་ཀྱི་བརྒྱུད་པ་འཛིན་པའི་ཆ་ནས་འཇོག་དགོས་སོ།  །
༡ དེའང་དེ་འདྲའི་བཀའ་བབ་ཀྱི་དམ་ཆོས་དང་པོ་ནི།  ཀླུ་སྒྲུབ་སོགས་ལས་བཀའ་བབ་པའི་ཕ་བརྒྱུད་དེ་འཇོག་དགོས་ཤིང་།
༢ དེ་འདྲའི་བཀའ་བབ་ཀྱི་དམ་ཆོས་གཉིས་པ་ནི།  གྲུབ་ཆེན་ནག་པོ་པ་སོགས་ལས་བཀའ་བབ་པའི་མ་བརྒྱུད་དེ་འཇོག་དགོས་པར་མ་ཟད།
༣ དེ་འདྲའི་བཀའ་བབ་ཀྱི་དམ་ཆོས་གསུམ་པ་ནི།  གྲུབ་ཆེན་ལྭ་བ་པ་སོགས་ལས་བཀའ་བབ་པའི་འོད་གསལ་གྱི་མན་ངག་དེ་འཇོག་དགོས་ཤིང་།
༤ དེ་འདྲའི་བཀའ་བབ་ཀྱི་དམ་ཆོས་བཞི་པ་ནི།  མ་སྐལ་པ་བཟང་མོ་སོགས་ལས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་དེ་འཇོག་རིགས་སོ།  །
དེའང་ཇི་སྐད་དུ།  ཀླུ་སྒྲུབ་ཙརྱཱ་ལྭ་བ་པ།  །མ་ཏི་སྐལ་པ་བཟང་མོ་སྟེ།  བཀའ་བབ་བཞི་ཡི་བླ་མ་བསྟེན།  ཞེས་གསུངས་སོ།  །

གཉིས།༽ དཀར་བརྒྱུད་པ་ཞེས་པའི་སྒྲ་བཤད་ནི།  གཙོ་བོར་ལྟ་སྒོམ་སྤྱོད་གསུམ་སྐྱོན་གྱི་དྲི་མ་དང་བྲལ་བའི་རིང་ལུགས་ཀྱི་བརྒྱུད་པ་འཛིན་པའི་ཆ་ནས་འཇོག་དགོས་སོ།  །དེའང་མི་ཕམ་པདྨ་དཀར་པོའི་ཞལ་ནས།  དྲི་བ་བདུན་པ།  དཀར་བརྒྱུད་ཀྱི་སྒྲ་བཤད།  རྒྱལ་དབང་རྗེས།  རྟོགས་པ་དྲི་མ་མེད་པས་དཀར་བ།  ཞེས་གསུངས།  ཁོ་བོའི་རྗེ་བླ་མ་དེ་ལ་དགྱེས།  དེའི་རྗེས་སུ་འབྲངས་པ་ཡིན།  ཞེས་གསུངས་སོ།  །
མཁས་དབང་བསྟན་པ་རབ་རྒྱས་ཀྱིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *